༄༅།།ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་
2022ལོའི་སློབ་མ་བསྡུ་བའི་སྒྲིག་ཡིག
ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་དང་སྐུ་ཞབས་ཀྲའོ་པུའུ་ཁྲུའུ་རྣམ་གཉིས་ཀྱི་གྲོས་འགོའི་འོག་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཚན་པས་ཆོག་མཆན་གནང་བ་བརྒྱུད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་སློབ་གླིང་ཞིག་ཡིན། སློབ་གླིང་འདི་ཉིད་1987ལོའི་ཟླ་9ཚེས་1ཉིན་པེ་ཅིང་དུ་དབུ་བརྙེས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་མོ་མཆོག་གིས་གླིང་གཙོའི་ཐུགས་འགན་བཞེས། མིག་སྔར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་གླིང་གཙོའི་ཐུགས་འགན་བཞེས་བཞིན་ཡོད།
སློབ་གླིང་འདི་ནི་བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་ཡོན་གནས་ལམ་ལུགས་ལག་བསྟར་བྱེད་མཁན་གྲས་ཤིག་ཡིན་ལ། མཐོ་རམས་པའི་ཡོན་གནས་སྤྲོད་ཆོག་པའི་སློབ་གླིང་ཉག་ཅིག་དང་། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་ཞིག་ཀྱང་ཡིན། སློབ་གླིང་གིས་ཆབ་སྲིད་ཐད་བློས་འཁེལ་ལ། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ་དང་། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བྱང་ཚད་མཐོ་བའི་ཕུལ་བྱུང་དགེ་འདུན་གསོ་སྐྱོང་བྱེད་ཀྱི་ཡོད་ཅིང་། 2004ལོར་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་གསར་པ་འཛུགས་སྐྱོང་དང་ལག་བསྟར་བྱས་ཚུན། སློབ་གླིང་གིས་ཁྱོན་བསྡོམས་མཐོ་རམས་པ་273དང་། འབྲིང་རམས་པ་150གསོ་སྐྱོང་བྱས་ཡོད།སློབ་གླིང་ནི་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ནུབ་མར་ཆགས་པ་དང་། སློབ་སྦྱོང་གི་ཁོར་ཡུག་ཉམས་དགའ་ཞིང་མཐུན་རྐྱེན་ཚང་བ་དང་། དགེ་རྒན་གྱི་དཔུང་ཁག་བཟང་པོ་ཡོད།
གཉིས། སློབ་བསྡུའི་འཆར་གཞི།
2022ལོར། ངེད་སློབ་གླིང་གིས་མཐོ་རམས་པའི་འཛིན་གྲྭར་ཁྱོན་སློབ་མ་39བསྡུ་འཆར་ཡོད། དེར་དགེ་ལུགས་པ་13དང་། རྙིང་མ་པ་13དང་། བོན་པོ་13བཅས་བསྡུ་རྒྱུ་ཡིན། དེ་ཡང་ས་ཁུལ་དང་གྲུབ་མཐའ་ཁག་ནས་བསྡུ་རྒྱུའི་འཆར་གཞི་གཤམ་གསལ།
གསུམ། སློབ་བསྡུའི་ཁྱབ་ཁོངས་དང་སློབ་གཉེར་དུས་ཡུན།ངེད་སློབ་གླིང་གི་སློབ་བསྡུའི་ཁྱབ་ཁོངས་ནི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་འབྲིང་རམས་པའི་ཡོན་གནས་ཐོབ་མཁན་དང་། གཞུང་བཀའ་པོད་ལྔར་སློབ་གཉེར་ཟིན་ཞིང་སྲོལ་རྒྱུན་གྱི་མཐོ་རིམ་མཚན་གནས་ཐོབ་མཁན་གྱི་ཕུལ་བྱུང་དགེ་འདུན་པ་ཡིན།མཐོ་རམས་པ་འཛིན་གྲྭའི་སློབ་ཡུན་ལོ་3(2022ལོའི་ཟླ་9ནས་2025ལོའི་ཟླ་5བར།)ཡིན་ཞིང་། ལོ་རེའི་ཟླ་5ཚེས་26ནས་ཟླ་9ཚེས་6ཉིན་བར་དབྱང་གནང་གཏོང་གི་ཡོད།བཞི། མིང་ཐོ་འགོད་པའི་ཆ་རྐྱེན།1.ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། མི་རིགས་ཁ་ཕྲལ་ལ་ངོ་རྒོལ་བཅས་དང་།2.རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དད་པ་བརྟན་ལ་ཚུལ་ཁྲིམས་གཙང་བ།3.ནང་བསྟན་རིག་པའི་ཡོན་ཚད་མཐོ་ལ། གཞུང་བཀའ་པོད་ལྔར་ལོ་15ཡན་སློབ་གཉེར་བྱས་མྱོང་བ།4.བོད་ཡིག་གི་རྩོམ་འབྲིའི་ནུས་པ་ཡོད་ལ་རྒྱལ་ཁབ་ཀྱི་ཐུན་མོང་སྐད་ཡིག་སྤྱད་ནས་གླེང་མོལ་དང་འབྲི་ཀློག་བྱེད་པའི་རྨང་གཞི་ངེས་ཅན་ལྡན་པ།5.གཅོང་ནད་དང་འགོས་ནད་སོགས་མེད་པར་ལུས་པོ་བདེ་ཐང་ཡིན་དགོས་པ།6. སྤྱི་དམངས་ཐོབ་ཐང་ལག་ཁྱེར་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག་གམ་སྤྲུལ་སྐུའི་ལག་ཁྱེར་འཛིན་དགོས་པ།7.རང་ལོ་30ནས་55བར་ཏེ། 1992ལོའི་ཟླ་9པ་ནས་1967ལོའི་ཟླ་9བར་སྐྱེས་པ་ཡིན་དགོས།
1.རང་ཉིད་ཀྱི་རེ་ཞུ་བརྒྱུད་དེ། ཐོ་ཁུངས་ཡོད་སའི་དགོན་སྡེའི་མཚམས་སྦྱོར་ཡི་གེ་དང་རྫོང་རིམ་པ་ཡན་གྱི་འཐབ་ཕྱོགས་གཅིག་གྱུའུ་པུའུ་ནས་ངོ་སྤྲོད་ཡི་གེ་ལེན་དགོས།2.ཞིང་ཆེན་ནང་བསྟན་སློབ་གླིང་གི་ལོ་འདིའི་འབྲིང་རམས་པའི་ཡོན་གནས་འཛིན་གྲྭའི་སློབ་མ་ངེད་སློབ་གླིང་ལ་རྒྱུགས་གཏོང་བར་གོང་གི་ཆ་རྐྱེན་ཕུད། ནང་བསྟན་སློབ་གླིང་ནས་འོས་སྦྱོར་ཡི་གེ་མཁོ་འདོན་བྱ་དགོས་ཤིང་ངེད་སློབ་གླིང་གི་སློབ་འགོ་མ་ཚུགས་གོང་ལ་འབྲིང་རམས་པའི་ཡོན་གནས་ཐོབ་ཐུབ་པ་ཞིག་དགོས།3. ངེད་སློབ་གླིང་གི་དྲ་ཐོག་ཐོ་འགོད་མ་ལག་བརྒྱུད་འབྲེལ་ཡོད་ཡིག་ཆ་སྐྱེལ་ནས་ཐོ་བཀོད་བྱས་ཆོག4. རྒྱུགས་སྤྲོད་པས་གོང་གསལ་ཡིག་ཆ་དང་ཚོན་གཅིག་ཅན་གྱི་པར་གསུམ་རེ་བཅས་ཁྱེར་ཏེ་རྒྱུགས་རར་ཐོ་འགོད་དུ་ཡོང་དགོས།
དྲུག རྒྱུགས་ར་བཀོད་སྒྲིག་དང་རྒྱུགས་ལེན་དུས་ཚོད།
(གཅིག)རྒྱུགས་ར་བཀོད་སྒྲིག2022ལོར་བོད་རང་སྐྱོང་ལྗོངས་ལྷ་ས་དང་། སི་ཁྲོན་ཞེང་ཆེན་དཀར་མཛེས་རྫོང་དང་རྔ་པ་རྫོང་། མཚོ་སྔོན་ཁྲི་ཀ་རྫོང་བཅས་སུ་རྒྱུགས་ར་ཁག་བཞི་བཀོད་སྒྲིག་བྱས་ཡོད།རྒྱུགས་ར་དང་པོ། བོད་ལྗོངས་ནང་བསྟན་སློབ་གླིང་གི་རྒྱུགས་ར་ནས་དགེ་ལུགས་པ་དང་། རྙིང་མ་པ། བོན་པོ་བཅས་ཀྱི་རྒྱུགས་ལེན་རྒྱུ།རྒྱུགས་ར་གཉིས་པ། སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནག་གཙང་དགོན་གྱི་རྒྱུགས་ར་ནས་དགེ་ལུགས་པ་དང་རྙིང་མ་པའི་རྒྱུགས་ལེན་རྒྱུ།རྒྱུགས་ར་གསུམ་པ། སི་ཁྲོན་ཞིང་ཆེན་རྔ་པ་རྫོང་སྒོ་མང་དགོན་དང་སྣང་ཞིག་དགོན་གྱི་རྒྱུགས་ར་སོ་སོ་ནས་དགེ་ལུགས་པ་དང་། བོན་པོ་བའི་རྒྱུགས་ལེན་རྒྱུ།རྒྱུགས་ར་བཞི་པ། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྒྱུགས་ར་ནས་དགེ་ལུགས་པ་དང་རྙིང་མ་པའི་རྒྱུགས་ལེན་རྒྱུ།(གཉིས།)རྒྱུགས་ལེན་དུས་ཚོད།
འབྱོར་ཐོ་འགོད་པའི་དུས་ཚོད་ནི་2022ལོའི་ཟླ་6ཚེས་7དང་8ཉིན་དང་། རྒྱུགས་ལེན་པའི་དུས་ཚོད་ནི་ཟླ་6ཚེས་9ནས་12བར་ཡིན། རྒྱུགས་སྤྲོད་པ་རྣམས་ཀྱིས་འབྲེལ་ཡོད་མཚམས་སྦྱོར་ཡི་གེ་བཟུང་ནས་ཐག་གང་ཉེའི་རྒྱུགས་རར་ཞུགས་ཆོག
བདུན། རྒྱུགས་ཀྱི་ནང་དོན་དང་རྒྱུགས་ལེན་ཐབས།
(གཅིག)རྒྱུགས་ཀྱི་ནང་དོན་ལ་ནང་བསྟན་རིག་པ་དང་། ཁྲིམས་ལུགས་ཤེས་བྱ། རྨང་གཞིའི་རིག་གནས་བཅས་ཁག་གསུམ་ཡོད།1.ནང་བསྟན་རིག་པར་ཚད་མ་དང་། ཕར་ཕྱིན། དབུ་མ་གསུམ་ཆ་ཚང་དང་། མཛོད་གནས་དང་པོ་ནས་བཞི་པ་བར། འདུལ་བ་གཞི་སྟོད་ཡན་ཆད་བཅས་རྩོད་རྒྱུགས་ལེན་རྒྱུ།2.ཁྲིམས་ལུགས་ཤེས་བྱར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》ཀྱི་ནང་དོན་འབྲི་རྒྱུགས་ལེན་རྒྱུ། 3.རྨང་གཞིའི་རིག་གནས་ལ་སུམ་རྟགས་དང་རྩོམ་ཡིག་དང་། རྒྱའི་སྐད་ཡིག་བཅས་འབྲི་རྒྱུགས་ལེན་རྒྱུ་ཡིན།1.རྒྱུགས་སྤྲོད་པ་རྣམས་ཚད་མ་དང་། ཕར་ཕྱིན། དབུ་མ་གསུམ་ལ་དམ་བཅའ་ཐེངས་རེ་བཞུགས་དགོས་ལ། དེ་ལ་རིགས་ལུང་བས་རྟགས་གསལ་གཏོང་རྒྱུ་དང་། དེ་ནས་དབུ་ཚད་ཕར་གསུམ་ལས་ཤོག་བྱང་གཅིག་འཐེན་ཏེ་རྒྱུགས་སྤྲོད་པ་ནང་ཕན་ཚུན་རྟགས་གསལ་གཏོང་རྒྱུ། མཛོད་འདུལ་གཉིས་རྟགས་གསལ་ཤོག་བྱང་འཐེན་ནས་རྒྱུགས་སྤྲོད་པ་ནང་ཕན་ཚུན་གཏོང་རྒྱུ། 2.ཁྲིམས་ལུགས་འབྲི་རྒྱུགས་ལ་དཔྱད་གཞིའི་ཡིག་ཆ་བལྟ་ཆོག་པ་དང་། རྨང་གཞིའི་རིག་གནས་ཀྱི་འབྲི་རྒྱུགས་ལ་དཔྱད་གཞིའི་ཡིག་ཆ་བལྟ་མི་ཆོག
བརྒྱད། སློབ་མ་བསྡུ་ཐབས།
མཐོ་རམས་པ་གསོ་སྐྱོང་གི་ཚད་གཞི་དང་མཐུན་ལ་རྒྱུགས་འབྲས་ཕུལ་དུ་བྱུང་བ་རྣམས་བསྡུ་རྒྱུ་དང་། གལ་སྲིད་རྒྱུགས་འབྲས་འདྲ་མཚུངས་གཉིས་ལས་གཅིག་བདམས་དགོས་བྱུང་ན་འབྲིང་རམས་པ་སྔོན་ལ་བསྡུ་རྒྱུ་ཡིན།དགུ། སློབ་ཁྲིད་ཀྱི་ནང་དོན།སློབ་ཁྲིད་ཀྱི་ནང་དོན་ལ་ནང་རིག་བརྒྱ་ཆ་60དང་། ཐུན་མོང་སློབ་ཚན་བརྒྱ་ཆ་30 རྨང་གཞིའི་སློབ་ཚན་བརྒྱ་ཆ་10བཅས་བཀོད་སྒྲིག་བྱས་ཡོད།1.ནང་རིག་སློབ་ཁྲིད་ལ་དབུ་མ་སྨད་ཆ་སྟེ་སེམས་བསྐྱེད་དྲུག་པ་ནས་མཇུག་བར་དང་། མཛོད་གནས་དང་པོ། གཉིས་པ། ལྔ་པ། བདུན་པ་བཅས་གཙོ་བོར་བཟུང་ནས་ཁྲིད་རྒྱུ། འདུལ་བ་ཆ་ཚང་བཅས་དང་། ཚད་མ་དང་ཕར་ཕྱིན་གྱི་དཀའ་གནད་བསྐྱར་སྦྱོང་བྱ་རྒྱུ།2.ཐུན་མོང་སློབ་ཚན་གྱི་ཁྲིད་བྱའི་ནང་དོན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས།བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས་བཅས་དང་། ཞིབ་ཕྲའི་སློབ་ཚན་ལ་《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱི་བཤད།》《ཀྲུང་གོའི་ཉེ་རབས་དང་དེང་རབས་ལོ་རྒྱུས།》《རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞི།》《སྐབས་དོན་ཆབ་སྲིད་》《རྒྱའི་སྐད་ཡིག་གི་རྨང་གཞི་》《རྩིས་འཁོར་རྨང་གཞི་》《རྩོམ་འབྲིའི་ཤེས་བྱ་》སོགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་སོགས་ཤེས་བྱའི་འཆད་འཁྲིད་སྣ་ཚོགས་བཀོད་སྒྲིག་བྱས་ཡོད།3. ཡུལ་དངོས་ཀྱི་སློབ་ཁྲིད། པེ་ཅིང་གྲོང་ཁྱེར་ཉེ་འཁོར་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། རིག་དངོས་གནའ་ཤུལ། དངོས་མང་བཤམས་སྟོན་ཁང་། དེང་རབས་ཅན་གྱི་ཁེ་ལས་སོགས་ཡུལ་དངོས་སུ་སློབ་ཁྲིད་དུ་འཁྲིད་ཀྱི་ཡོད།4. ཕྱི་ཕྱོགས་སྤེལ་རེས། སློབ་མ་རྣམས་ཆོས་དོན་དགོངས་འགྲེལ་སོགས་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། མངའ་ཁོངས་ཕྱི་ནང་གི་ཆོས་ལུགས་སློབ་གླིང་དང་རིག་གཞུང་ཚན་པ་དང་སྤེལ་རེས་བྱེད་ཀྱི་ཡོད་ཅིང་། མཐར་མ་ཕྱིན་སྔོན་ལ་མཐར་ཕྱིན་སྤེལ་རེས་སློབ་སྦྱོང་ལ་འཁྲིད་ཀྱི་ཡོད།
བཅུ། ཡོན་གནས་སྤྲོད་པའི་ཆ་རྐྱེན།
(གཅིག)མཐོ་རིམ་ཡོན་གནས་འཛིན་གྲྭ་ནས་མཐར་ཕྱིན་རྗེས། མཐོ་རམས་པའི་ཡོན་གནས་རྒྱུགས་འབུལ་ལ་རེ་ཞུ་བྱེད་ཆོག དེ་ཡང་རྒྱུགས་ལེན་ཐོབ་ཐང་ཞིབ་བཤེར་དང་དཔྱད་རྩོམ་བགྲོ་གླེང་། ཡོན་གནས་རྩོད་རྒྱུགས་སོགས་ཀྱི་ཚད་གཞི་ལོན་ཚེ་ད་གཟོད་མཐོ་རམས་པའི་ཡོན་གནས་སྤྲོད་རྒྱུ། མཐོ་རིམ་ཡོན་གནས་འཛིན་གྲྭའི་མཐར་ཕྱིན་དཔང་ཡིག་མ་ཐོབ་ཚེ། ཡོན་གནས་རྒྱུགས་ལ་ཞུགས་མི་ཆོག(གཉིས།)མཐར་ཕྱིན་རྗེས་ཀྱི་འགྲོ་ཕྱོགས། སློབ་མ་རྣམས་མཐར་ཕྱིན་རྗེས་རང་དགོན་དུ་ལོག་དགོས། དེ་ཡང་སློབ་གླིང་གིས་ཕྱོགས་བསྡུས་བྱང་ཚད་མཐོ་བ་དང་། མཚོན་ཚུལ་བཟང་བ་རྣམས་འབྲེལ་ཡོད་ཚན་པར་མཚམས་སྦྱོར་བྱ་རྒྱུ།བཅུ་གཅིག འབྲེལ་ཡོད་གསལ་བཤད།1.སློབ་བསྡུའི་རྒྱུགས་ལ་ཞུགས་མཁན་དགེ་འདུན་པ་རྣམས་རྒྱུགས་གཏོང་རིང་གི་ལམ་གླ་དང་། མགྲོན་ཁང་གི་གླ་ཆ། དེ་བཞིན་ཞལ་ལག་གི་འགྲོ་སོང་སོགས་རང་ཉིད་ནས་གཏོང་དགོས།2.རྒྱུགས་འཕྲོད་དེ་སློབ་གླིང་དུ་བསྡུས་རྗེས། སློབ་བསྡུའི་བརྡ་ཐོ་དང་འབྲེལ་ཡོད་དཔང་ཡིག་ཁྱེར་ནས་གཏན་འཁེལ་གྱི་དུས་ཚོད་ལྟར་འབྱོར་ཐོ་འགོད་དགོས།3.སློབ་གྲྭར་སློབ་གཉེར་བྱེད་རིང་སློབ་ཡོན་དང་ཟས་མལ་གྱི་རིན་པ་མི་བསྡུ་ལ་མི་གཉིས་རེར་ཉལ་ཁང་གཅིག་རེ་བཀོད་སྒྲིག་བྱ་རྒྱུ་དང་། འབྲེལ་ཡོད་གཏན་འབེབས་ལྟར་ལོ་རེར་ལམ་གླའི་ཁ་གསབ་རོགས་དངུལ་སྤྲོད་ཀྱི་ཡོད།4.སློབ་མ་རྣམས་སློབ་གྲྭར་ཞུགས་རྗེས་སློབ་གླིང་གི་སྒྲིག་ལམ་དང་འབྲེལ་ཡོད་གཏན་འབེབས་ཁག་ལ་བརྩི་སྲུང་ནན་ཏན་ཞུ་དགོས། སློབ་གླིང་ལ་ཞུགས་རྗེས་དགོན་པའི་བྱ་བར་ཞུགས་མི་ཆོག5.འབྲེལ་ཡོད་གཏན་འབེབས་ལྟར། སློབ་གླིང་གིས་སྦྱངས་འབྲས་ལེགས་པའི་སློབ་མར་བྱ་དགའི་དངུལ་སྤྲོད་རྒྱུ་ཡིན།6.ནད་གཞི་སོགས་དམིགས་བསལ་གྱི་རྒྱུ་རྐྱེན་འོག་སློབ་གཉེར་རྒྱུན་འཁྱོངས་མ་ཐུབ་ཚེ། སློབ་ཁོངས་སོར་ཉར་གྱི་སློབ་མཚམས་འཇོག་པའི་དགོངས་ཞུ་ཐེངས་གཅིག་བྱེད་ཆོག
བཅུ་གཉིས། འབྲེལ་གཏུག་བྱེད་ཐབས།(གཅིག)བོད་ལྗོངས་ཀྱི་རྒྱུགས་རའི་འབྲེལ་གཏུག་པ། ཕུར་བུ་དོན་གྲུབ། 13691223033(གཉིས།)སི་ཁྲོན་དཀར་མཛེས་རྫོང་ནགས་གཙང་དགོན་གྱི་རྒྱུགས་རའི་འབྲེལ་གཏུག་པ། དཀོན་མཆོག་སྐྱབས། 13260210708(གསུམ།)སི་ཁྲོན་རྔ་པ་རྫོང་སྒོ་མང་དགོན་དང་སྣང་ཞིག་དགོན་གྱི་རྒྱུགས་རའི་འབྲེལ་གཏུག་པ། དཔལ་ཆེན་སྐྱབས། 18010230562(བཞི།)མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་རྒྱུགས་རའི་འབྲེལ་གཏུག་པ། སངས་རྒྱས་བཀྲ་ཤིས། 18010230586(ལྔ།)ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་མ་ཁྲུའུ།(སློབ་བསྡུ་གཞུང་ལས་ཁང་།) སངས་རྒྱས་སྐྱབས། (010)58334617,18910877508ས་གནས། པེ་ཅིན་གྲོང་ཁྱེར་ཁྲའོ་དབྱང་ཁུལ་དགོན་སེར་ལམ་ཆེན་སྒོ་རྟགས་ཨང་11པ།བརྙན་སྐྱེལ།(010-58350922)དྲ་ཚིགས། http://zyxgjfxy.cn